text
stringlengths 1
104k
|
---|
༄༅།།བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས།། |
རྒྱ་འགྲེལ་ཕྱོགས་བསྒྲིགས། |
ཥུ། |
ལྔ་རིག་དཔེ་ཚོགས། |
རྫོང་སར་ཁམས་བྱེ་ལྔ་རིག་ཐུབ་བསྟན་སློབ་གླིང་ནས་བསྒྲིགས།༄༅།། རྒྱ་འགྲེལ་ཕྱོགས་བསྒྲིགསབཞུགས་སོ།། |
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། |
དཀར་ཆགདབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ་བཞུགས་སོ།། |
དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་བཞུགས་སོ།། |
སློབ་དཔོན་ལེགས་ལྡན་འབྱེད། |
ཀ་༡ ཀླད་ཀྱི་དོན། |
ཀ་༢ གཞུང་གི་དོན། |
ཁ་༡ བྱང་ཆུབ་ཀྱི་སེམས་མི་གཏོང་བའི་ལེལུ་ཁ་༢ ཐུབ་པའི་བརྟུལ་ཞུགས་ལ་ཡང་དག་པར་བརྟེན་པའི་ལེའུ། |
ཁ་༣ དེ་ཁོ་ན་ཉིད་ཀྱི་ཤེས་པ་ཚོལ་བའི་ལེའུ། |
ཁ་༤ ཉན་ཐོས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ལེའུ། |
ཁ་༥ རྣལ་འབྱོར་སྤྱོད་པ་བའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པའི་ལེའུ། |
ཁ་༦ གྲངས་ཅན་གྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ལེལུ་ཁ་༧ བྱེ་བྲག་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་ལེའུ། |
ཁ་༨ རིག་བྱེད་ཀྱི་མཐའ་རྒྱུར་སྨྲ་བའི་དེ་ཁོ་ན་ཉིད་ལ་འཇུག་པའི་ལེའུ། |
ཁ་༩ དཔྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པའི་ལེའུ། |
ཁ་༡༠ ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པ་བསྟན་པའི་ལེའུ། |
ཁ་༡༡ བསྟོད་པ་དང་མཚན་བསྟན་པའི་ལེའུ། |
ཀ་༣ མཇུག་གི་དོན། |
༄༅།། དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ་བཞུགས་སོ།།༄༅།། རྒྱ་གར་སྐད་དུ། |
མདྷྱ་མ་ཀ་ཧྲྀ་ད་ཡ་ཀཱ་རི་ཀཱ། |
བོད་སྐད་དུ། |
དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ། |
འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། |
གང་གིས་དེ་ཉིད་རབ་བརྟག་མིན།། |
རྣམ་ཤེས་བྱ་མིན་གཞི་མ་ཡིན།། |
མཚོན་མིན་བརྟག་མིན་རིག་བྱ་མིན།། |
སྐྱེ་འཇིག་མེད་ཅིང་བདེ་བ་དང་།། |
རྣམ་བརྟག་མ་ཡིན་སྣང་བ་མེད།། |
མཚན་མ་མེད་ཅིང་གསལ་བྱེད་མེད།། |
གཉིས་མིན་གཉིས་མེད་མ་ཡིན་དང་།། |
ཞི་དང་བློ་འཇུག་སྤངས་པ་དང་།། |
ཡི་གེ་མེད་པ་ཡི་གེ་ཡིས།། |
ཐུགས་རྗེ་ཉིད་ཀྱིས་བསྟན་མཛད་པ།། |
སྟོན་པ་མ་ནོར་ཉིད་གསུངས་པ།། |
དེ་ལ་གུས་པར་ཕྱག་འཚལ་ལོ།། |
གཞན་དོན་བསྒྲུབ་ཕྱིར་བརྟུལ་ཞུགས་ཀྱིས།། |
བྱང་ཆུབ་ཆེན་པོར་བློས་བྱས་རྣམས།། |
དེ་ཉིད་བདུད་རྩིར་གཟུང་བའི་ཕྱིར།། |
ནུས་པས་ཅུང་ཞིག་བརྗོད་པར་བྱ།། |
བྱང་ཆུབ་སེམས་ནི་མི་གཏོང་དང་།། |
ཐུབ་པའི་བརྟུལ་ཞུགས་ཡང་དག་བརྟན།། |
དེ་ཉིད་ཤེས་པ་ཚོལ་བ་ནི།། |
དོན་ཀུན་སྒྲུབ་པའི་སྤྱོད་པ་ཡིན།། |
བྱམས་པ་དང་ནི་སྙིང་རྗེ་དང་།། |
ཤེས་པ་ཆེན་པོས་བརྒྱན་པ་ཡི།། |
སངས་རྒྱས་ས་བོན་བྱང་ཆུབ་སེམས།། |
དེ་ཕྱིར་མཁས་པས་དེ་མི་གཏང་།། |
བློ་ལྡན་སྙིང་སྟོབས་ཆེ་བ་དང་།། |
གཞན་གྱི་སྡུག་བསྔལ་མི་བཟོད་ཅིང་།། |
ཡང་དག་བརྩོན་འགྲུས་བརྩམས་པ་དང་།། |
མཐུ་དང་ལྡན་ཞིང་མཁས་པས་ནི།། |
ཤེས་རབ་སྣང་བ་མེད་པ་ཡི།། |
འཇིག་རྟེན་ཀུན་ལ་བལྟ་བྱས་ནས།། |
འཁོར་བ་མི་གཙང་ས་འོག་ནས།། |
བདག་ཉིད་བརྒལ་བས་བསྒྲལ་བར་རིགས།། |
གང་ཞིག་ཤེས་རབ་མཚོན་རྣོན་གྱིས།། |
འཆིང་བ་ཀུན་བཅད་གྲོལ་གྱུར་པ།། |
སྙིང་རྗེའི་བདག་ཉིད་ལྡན་པ་ཡིས།། |
གང་ཕྱིར་མགོན་མེད་སྡུག་བསྔལ་བ།། |
འཁོར་བའི་བཙོན་ར་མི་བཟད་པར།། |
འདོད་ཆགས་ལ་སོགས་སྒྲོག་གིས་བཅིངས།། |
བག་མེད་པ་ཡི་ཆང་འཐུངས་ནས།། |
གཏི་མུག་གཉིད་ལྔ་རིག་དཔེ་ཚོགས་ལས། |
རྒྱ་འགྲེལ་ཕྱོགས་བསྒྲིགས། |
རྣམ་པར་རྟོག་པའི་ཆོམ་རྐུན་གྱིས།། |
དགེ་ཚོགས་མ་ལུས་བརྐུས་པ་དག། |
གལ་ཏེ་གྲོལ་བར་མི་བྱེད་ན།། |
མཐུ་ལྡན་མཐུ་ནི་ཅི་ལ་ཕན།། |
གང་ཞིག་ལག་པའི་མཐུས་བསྒྲུབས་པ།། |
འདོད་པས་བསྐྱེད་པའི་བདེ་ཆུང་ཡང་།། |
གཅིག་པུ་གདུ་བས་ཟ་བྱེད་པ།། |
དེ་ཡང་མཁས་པས་སྨད་འགྱུར་ན།། |
འཁོར་ལོས་སྒྱུར་དང་དབང་པོ་དང་།། |
ཚངས་པ་ལ་ཡང་རབ་བཀོད་པ།། |
སྲེད་པ་རྣམ་པར་གཅོད་པ་དང་།། |
ཐབས་ཀྱི་སྒོ་ནས་ཐུན་མོང་བ།། |
ལེན་དང་ཟད་དང་མཐར་ཐུག་དང་།། |
སྡུག་ལ་སོགས་པས་མི་འགྱུར་ཞིང་།། |
སྡུག་བསྔལ་མ་ལུས་ཞི་བྱེད་པའི།། |
དེ་ཉིད་དོན་རྟོགས་བདུད་རྩི་ཅི།། |
གཞན་ཡང་སྔོན་ཆད་ཉོན་མོངས་པའི།། |
གདོན་གྱིས་བརླམས་པ་བདག་གིས་ནི།། |
རྨ་ལ་འགྱུར་བྱེད་འདེབས་པ་བཞིན།། ། |
སྡུག་བསྔལ་ནད་པ་གང་སྡུག་བྱས།། |
སྐྱེ་བ་གཞན་དུ་གང་དག་གིས།། |
བྱམས་དང་བསྙེན་བཀུར་ཕན་པ་བྱས།། |
དེ་ལ་ལན་དུ་ཕན་གདགས་པ།། |
མྱ་ངན་བཟླ་ལས་གཞན་ཅི་ཡོད།། |
གཞན་དོན་བྱེད་ལས་བྱུང་བ་ཡི།། |
དགའ་བས་སེམས་དགའ་མཁས་པ་དག། |
རལ་གྲི་རབ་ཏུ་འབར་འདྲ་བའི།། |
སྲིད་པ་དག་གིས་གནོད་མི་འགྱུར།། |
ཚུལ་ཁྲིམས་འཆལ་པ་མི་བྱེད་པས།། |
ངན་འགྲོའི་སྒོ་ཀུན་བཅད་པའི་ཕྱིར།། |
སྟོང་ཉིད་ལྟ་བ་གོམས་བྱས་པས།། |
ཉོན་མོངས་འཇུག་པ་བཅོམ་ཕྱིར་རོ།། |
མཁས་པ་བསོད་ནམས་བྱས་པ་ཡིས།། |
End of preview. Expand
in Dataset Viewer.
README.md exists but content is empty.
- Downloads last month
- 72