text
stringlengths
1
88.7k
༄༅།།བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས།།
རྒྱལ་མཆོག་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་ཁྲིད།
ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཆོས་དང་མཐུན་པའི་གོམ་སྟབས་བསྒྱུར་བ།
བཀའ་བརྒྱུདབོད་ཀྱི་དཔེ་མཛོད་ཁང་།
ཐུན་བཞིའི་བཀའ་ཁྲིད།
༡ཕྱག་ཆེན་དང་འབྲེལ་བའི་གསུང་ཆོས།
༡༡༡པར་བྱང་སྨོན་ཚིག་༡༣༡པར་སྐྲུན་གསལ་བཤད།
འགྲོ་ཕན་གཙུག་ལག་དཔེ་སྐྲུན་ཁང་འདི་ཉིད་གསར་འཛུགས་བསྐྱངས་པའི་དགོས་དམིགས་ནི།
རང་ཅག་ཁ་བ་གངས་ཅན་པའི་རྩ་ཆེའི་གཙུག་ལག་གི་སྲོལ་རྒྱུབཟང་པོ་རྣམས་མི་ཉམས་རྒྱུན་འཛིན་དང་།
དུས་དབང་གིས་འཕེལ་འགྲིབ་དུ་མའི་ཁར་སོང་བའི་གངས་ཅན་མཁས་གྲུབ་དུ་མའི་བརྩམས་ཆོས་མ་ལུས་སྔར་རྗེས་ཤུལ་འཛིན་དང་།
ཕྱི་རྗེས་དར་སྤེལ་གྱི་སྒོ་ནས་བསྟན་འགྲོའི་གསོས་སྨན་དུ་གྱུར་ཕྱིར་དངརིས་སུ་མ་མཆིས་པའི་གནད་ཆེའི་གསུང་རབ་དཀོན་རིགས་དང་༧རྒྱལ་དབང་མཆོག་གི་གསུང་ཆོས་རྣམས་ཀྱང་རིམ་པས་པར་སྐྲུན་མུ་མཐུད་ཞུ་རྒྱུ་ལགས་པས།
ཕྱི་ལོ་༢༠༠༦ ལོར་མི་རིགས་འབོ་དཀར་ངེས་དོན་ཆོས་འཁོར་གླིང་གི་མཁ་༴
འགྲོ་བ་ལྷ་དང་བཅས་པའི་མགོན་དཔུང་མཚུངས་ཟླ་མཆིས་པ་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་༧དཔལ་ཁྱབ་བདག་རང་བྱུང་ཨོ་རྒྱན་རྒྱལ་བའི་མྱུ་གུ་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་རྩལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག་ལ་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་གསུངཐུན་བཞི་བླ་མའི་རྣལ་འབྱོར་གྱི་བཀའ་ཁྲིད་སྩོལ་ཕྱིར་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཞལ་བཞེས་དབུགས་དབྱུང་བཟང་པོས་མང་ཚོགས་ལ་སྩལ་བ་དེ་བཞིན་ཕྱི་ནང་དོན་གཉེར་ཅན་དུ་མ་ཞིག་ནས་དགོས་ཚུལ་གྱི་རེ་སྐུལ་མཛད་པ་ལྟར།
དེ་དག་ལ་སྨན་ཕྱིར་པར་སྐྲུན་སྲི་ཞུ་བྱེད་སྐབས་དཔེ་སྐྲུན་ཁང་གི་ལས་བྱེད་རྒན་ཆེན་མོ་བསྟན་འཛིན་རྣམ་རྒྱལ་དང་ཨཱཅཱརྱ་ཕུན་ཚོགས་རྣམ་རྒྱལ་གཉིས་ནས་ངལ་བ་དྭང་ལེན་གྱིས་ཐོག་མཐའ་བར་གསུམ་དུ་སྒྲ་ཕབ་བཤུས་ཞུ་དག་མཐུན་འགྱུར་གང་ལེགས་མཛད་པར་བཀའ་དྲིན་རྗེས་དྲན་ཞུ་བ་དང་འབྲེལ་ཐུགས་རྗེ་བླ་མེད་དུ་ཆེ་ཆེ་ཞུ་རྒྱུ་དང་།
ཐེ་ཝན།
ལྷག་བསམ་རྣམ་དག་གིས་དཔེ་དེབ་འདི་གཉིས་ཀྱི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་གྲངས་མེད་ཞུ།
དེ་བཞིན་སྐུ་མདུན་དུ་སླར་སྤྱན་ཞུས་དང་དག་ཐེར་མཛད་རྒྱུ་མ་བྱུང་རྐྱེན་གྱིས་གང་ཅིའི་ཐད་ནོར་འཁྲུལ་ཡོད་པ་སྨོས་མ་དགོས་ན།
འདིར་མཁྱེན་ལྡན་ཀློག་པ་པོ་རྣམས་ཀྱིས་སྤྱན་སྔར་མཐོལ་ལོ་བཤགས་པ་བཅས།
རབ་བྱུང་བཅུ་བདུན་པ་མེ་ཕག་ལོའི་ཐ་སྐར་ཟླ་བའི་ཡར་ཚེས་བཟང་པོ།
ཕྱི་ལོ་༢༠༠༧ ལོར།
འགྲོ་རྣམས་ཤེས་རབ་གསུམ་གྱི་སྣང་བ་རྒྱས་པའི་སྨོན་འདུན་བཅས།
འགྲོ་ཕན་གཙུག་ལག་དཔེ་སྐྲུན་ཁང་གི་འགན་འཛིན་ཀརྨ་བསྟན་རྣམ་པས།
ཐུན་བཞིའི་བཀའ་ཁྲིད།
མི་རིགས་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དུ་མཁན་སློབ་ཡོངས་ལ།
ཕྱི་ལོ་༢༠༠༦ ཟླ་༡༡ ཚེས་༣ ཉིན་སྩལ།
ཐུན་བཞིའི་བཀའ་འཁྲིད།
དེ་རིང་འདིར་མི་རིགས་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དུ་༑ད་ལན་ང་རང་ཐེངས་གསུམ་པ་བཅར་ཐུབ་པ་དེ་འདྲ་བྱུང་བ་ཡིན་དུས་ངོས་རང་ཧ་ཅང་དགའ་པོ་བྱུང་།
མ་གཞི་འབོ་དཀར་རིན་པོ་ཆེ་སྐུ་འཚོ་བཞུགས་ཀྱི་སྐབས་ལ་རིན་པོ་ཆེའི་ཐུགས་བཞེད་ཇི་བཞིན་འདི་གར་ཡོང་ཐུབ་ཡོད་མ་རེད།
ཡིན་ན་ཡང་དགོངས་པའི་ཐ་མ་ཟེར་ནའང་འདྲ་འདུག་གང་ལྟར་ཐུགས་བཞེད་ལྷག་མ་ལྟ་བུ་བསྐང་རྒྱུ་བྱུང་བ་རེད།
དེ་ཡིན་དུས་ང་རང་ཚོ་ཚང་མའི་སེམས་ནང་ལ་ཐམས་ཅད་དགའ་དགའ་སྤྲོ་སྤྲོ་བྱེད་རྒྱུ་ཞིག་ཕལ་ཆེར་བྱུང་བ་རེད་བསམ་གྱི་འདུགའདི་གར་རིན་པོ་ཆེས་ཐུགས་བསྐྱེད་རླབས་པོ་ཆེ་མཛད་དེ་གཙུག་ལག་ཁང་རྒྱ་ཆེན་པོ་འདི་འདྲ་ཞིག་བསྐྲུན།
འདི་གར་མཁན་རིན་པོ་ཆེ་དང་།
དབུ་ཆོས་ལས་སྣེ་ཚང་མ་དང་།
དེ་བཞིན་ལས་བྱེད་རྣམ་པ་ཚོས་མུ་མཐུད་ནས་མཇུག་སྐྱོང་གནང་སྟབས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་པ་ཡིན་པ་རེད།
དེ་ཡིན་དུས་ཚང་མས་དད་པ་དང་དམ་ཚིག་གཡོ་བ་མེད་པ་དེ་འདྲའི་མཐུ་ལ་བརྟེན་ནས་བྱུང་བ་རེད་བསམ་ཐུན་བཞིའི་བཀའ་འཁྲིད།
གྱི་འདུག་ད་ལྟ་བར་དུ་དེ་ལྟར་ཚུལ་དང་མཐུན་པ་བྱུང་བ་རེད།
ད་དུང་ཡིན་ན་ཡང་མུ་མཐུད་ནས་རྗེ་བླ་མའི་དགོངས་བཞེད་བཤད་སྒྲུབ་ལས་གསུམ་གྱི་བྱ་བ་དེ་ཚོའི་ཐོག་གང་ལ་ཡང་ཐུགས་གཡེང་མ་ཤོར་བ་ཚད་ལྡན་ཚུལ་མཐུན་གནང་ཐུབ་པ་ཡིན་ན།
དེ་ལས་ལྷག་པའི་ཉམས་ལེན་ཞིག་ཕལ་ཆེར་བྱེད་རྒྱུ་ཡོད་མ་རེད།
དེ་བཞིན་བླ་མའི་མཆོད་པ་དེ་ལས་ལྷག་པ་ཞིག་ཡོད་ཀྱི་མ་རེད།
དེ་ཡིན་དུས།
དེ་འདྲའི་ཐུགས་བཞེད་ཅིག་གནང་རོགས་གནང་ཞུ་རྒྱུ་དང་།
དེ་རིང་འདིར་སྐབས་སུ་བབ་པ་ཐུན་བཞིའི་སྐོར་ལ་ཉུང་ངུ་ཞིག་སྔོན་ལ་ལུང་འདོན།
དེ་ནས་ཁྲིད་ལྟ་བུ་ཕྲན་བུ་ཙམ་འདོན་རོགས་གསུངས་ཀྱི་འདུག་དེ་ཡིན་དུས།
ཁ་སང་གློ་བུར་དུ་ཞུས་པ་ཡིན་དུས།
ངས་ལྟ་ལོང་གང་ཡང་བྱུང་ཡོད་མ་རེད།
འདི་ནས་མར་ཕྲན་བུ་ཕྲན་བུ་ཙམ་ཞུས་བཞག་ན།
མ་གཞི་གཙོ་བོ་ནམ་རྒྱུན་ང་རང་ཚོའི་ཐུན་བཞི་བླ་མའི་རྣལ་འབྱོར་འདི་གལ་ཆེན་པོ་ཞིག་ཏུ་བརྩིས་ནས་ཉམས་ལེན་བྱེད་ཀྱི་ཡོད་པ་རེད།
དེས་ན་དུས་རྒྱུན་དུ་དེ་ཚོའི་ཐོག་ལ་ཉམས་ལེན་གསན་བསམ་སྒོམ་གསུམ་དེ་ཚོ་ཡག་པོ་ཞིག་བྱེད་རྒྱུ་བྱུང་ན།
དེ་ཆོས་ཐུན་བཞིའི་བཀའ་འཁྲིད།
རེད་བསམ་གྱི་འདུག་དེ་མ་གཏོགས་ངས་དེ་ཆ་ཚང་ཞིག་བཤད་ཐུབ་ཀྱི་མེད་ལ།
གནད་ལ་འཁེལ་བ་ཞིག་ཡོང་གི་མ་རེད་བསམ་གྱི་འདུག་ཡིན་ན་ཡང་།
དུས་རྒྱུན་ང་ཚོའི་བསམ་བློའི་གྲ་སྒྲིག་དེ་ཧ་ཅང་ཡག་པོ་ཞིག་གང་ཡང་མི་འདུག་ཡིན་ན་ཡང་མཚམས་རེ་ནོར་འཁྲུལ་དེ་འདྲ་ཡོང་སྲིད་པ་རེད།
དེ་འདྲ་ཡིན་དུས།
དེ་ནས་འདིའི་སྐབས་ལ་ཐུན་བཞི་བླ་མའི་རྣལ་འབྱོར་ཞུ་རྒྱུ་དེ་ལ་སྐབས་རེ་ཐུན་དྲུག་བླ་མའི་རྣལ་འབྱོར་ཟེར་རྒྱུ་དེ་འདྲ་ཡང་ཡོང་གི་ཡོད་པ་རེད།
ཐུན་གསུམ་གྱི་ཉམས་ལེན་བྱེད་པ་དེ་འདྲ་ཡང་ཡོང་གི་ཡོད་པ་རེད།
མདོར་ན་ཡོངས་སུ་གྲགས་པའི་ཐུན་བཞི་བླ་མའི་རྣལ་འབྱོར་འདི་༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་དེ་ཉིད་ཀྱིས་མཛད་པ་ཡིན་པ་རེད།
སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་ནས་མར་སྐུ་ཕྲེང་བདུན་པ་ཆོས་ཐུན་བཞིའི་བཀའ་འཁྲིད།
དེའི་རྗེས་ལ་སྤྲུལ་རྒྱུན་བཅུ་གསུམ་གྱི་ཐོག་མ་ཀརྨ་པ་མི་བསྐྱོད་རྡོ་རྗེ་ཡིན་གསུངས་པ་རེད།
དེས་ན་ཀརྨ་པ་མི་བསྐྱོད་རྡོ་རྗེ་ཀརྨ་པའི་སྐུ་ཕྲེང་ནང་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ།
ཡང་སྒོས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་པ་ལ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད།
གལ་ཆེན་པོ་ཡིན་པ་དེ་ཕལ་ཆེར་ལུང་གིས་ཟིན་པ་ལྟ་བུ།
ང་རང་ཚོ་དུས་རྒྱུན་བརྗོད་རྒྱུའི་ཀརྨ་པ་དེ་བཞིན་གཤེགས་པའི་མ་འོངས་ལུང་བསྟན་ནང་ལ།
རྡོ་རྗེའི་ཕྲེང་བ་མི་བསྐྱོད་པ།།
རྫོགས་པའི་སངས་རྒྱས་མི་གཟུགས་ཅན།། ་
ཞེས་ལུང་བསྟན་མཛད་དུས་ཕལ་ཆེར་ཀརྨ་པ་མི་བསྐྱོད་རྡོ་རྗེ་མིན་ནམ་ཟེར་རྒྱུ་ཞིག་བཤད་ཀྱི་ཡོད་པ་རེད།
དེ་བཞིན་ལོ་རྒྱུས་དང་མཛད་པ་རྣམ་ཐར་གྱི་ཆ་ནས་བཤད་པ་ཡིན་ན།
ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཐུགས་བསྐྱེད་དང་དེ་ཡིས་ལྗགས་རྩོམ་གནང་བཞག་པའི་བསྟན་བཅོས་དེ་ཚོ་ལ་བརྟེན་ནས་ད་ལྟ་ཀཾ་ཚང་ཙམ་མ་ཡིན་པ་བཀའ་བརྒྱུད་ཐུན་བཞིའི་བཀའ་འཁྲིད།
ནང་ལ་གཞུང་ཆེན་མོའི་དཔེ་ཆ་བལྟ་རྒྱུ་ཡོད་པ།
དཔེ་ཆ་དེ་ཡང་རྒྱ་ཆེན་པོ་དེ་བཞིན་གྲངས་ཚང་བ་ཞིག་བལྟ་རྒྱུ་ཡོད་པ་དེ་ཀརྨ་པ་མི་བསྐྱོད་རྡོ་རྗེའི་སྐུ་དྲིན་ཡིན་པ་ང་ཚོས་ཕལ་ཆེར་ཤེས་ཐུབ་པ་ཞིག་རེད།
དེ་འདྲ་ཡིན་དུས།
ལུང་གིས་ཟིན་པའི་བསྟན་འཛིན་གྱི་སྐྱེས་བུ་ཞིག་རེད་ཅེས་ཞུས་པ་ཡིན་ནའང་འགྲིག་གི་རེད།
དེ་བཞིན་དུ་སྤྱིར་བཏང་ཀརྨ་པ་སྐུ་ཕྲེང་རིམ་བྱོན་ཐམས་ཅད་དང་ལྷག་པར་དུ་ཀརྨ་པ་ཞེས་པའི་མཚན་དེ་རྒྱལ་བའི་ལུང་གིས་ཟིན་པ།
དེ་བཞིན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ལུང་གིས་ཟིན་པ།
ང་རང་ཚོས་རྟག་ཏུ་ཐོས་ཡོད་པ་བཞིན།
སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་གིས་ཟིན་ཚུལ་དེ་མདོ་དང་རྒྱུད་དེ་ཚོའི་ནང་ལ་སྤྱིར་ཁུངས་མང་པོ་ཞིག་བསྟན་ཡོད་པ་རེད།
མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་དང་།
དེ་བཞིན་མདོ་སྡེ་པདྨ་དཀར་པོ་དང་།
འཇམ་དཔལ་རྩ་རྒྱུད་ནང་ལ་ཁ་ཤས་ལུང་བསྟན་ཡོད་པ་རེད།
དེ་ཚོ་ང་ཚོས་སྐབས་རེ་ལུང་བསྟན་པ་ཇི་བཞིན་ཕྱག་དཔེ་དེ་ཚོའི་ནང་ལ་མཇལ་རྒྱུ་ཡོད་མེད་ཟེར་རྒྱུ་དེ་ཁ་ཐུན་བཞིའི་བཀའ་འཁྲིད།
ཤས་ཀྱིས་ཐེ་ཚོམ་རེད་ཟེར་གྱི་འདུག་དཔེར་ན།
ཁྲོ་བོ་གནམ་ལྕགས་འབར་བའི་རྒྱུད་ཀྱི་ནང་ལ།
ཡོངས་སུ་གྲགས་པའི་དཀྱིལ་འཁོར་དུ།།
ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་།།
ཚེ་ཡི་གྲུབ་པ་བསྟན་པའི་ཕྱིར།།
ཀརྨ་པ་ཞེས་ཡོངས་གྲགས་བྱུང་།།
ཡིན་ན་ཡང་ཁྲོ་བོ་གནམ་ལྕགས་འབར་བའི་གཞུང་རང་གི་ནང་ལ་ཀརྨ་པ་ཞེས་པ་དེ་དངོས་སུ་ཕལ་ཆེར་མེད་པ་འདྲ།
རྒྱུད་རང་གི་དངོས་བསྟན་ལ།
ཚེ་ཡི་གྲུབ་པ་བསྟན་པའི་ཕྱིར།
གྲུབ་ཆེན་བརྒྱད་ཀྱི་རྣམ་པར་སྤྲུལ་པ་བྱུང་ཟེར་བ་ཞིག་ཡོད་པ་འདྲ།
ང་རང་ཚོའི་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཟེར་རྒྱུ་དེ་མིན་ནམ།
ཌོམ་བི་པ་ལ་སོགས་པ་དེ་ཚོ།
ཀརྨ་པཀྵི་གྲུབ་ཆེན་བརྒྱད་དང་ངོ་བོ་ཐ་མི་དད་པ་ཡིན་པར་བཀའ་སྩལ་པ་རེད།
བཀའ་སྩལ་པ་ཡིན་དུས།
ཡང་མཚམས་རེ་གཞུང་དེ་ཐུན་བཞིའི་བཀའ་འཁྲིད།
འདྲའི་ནང་ལ་ཕར་ཚུར་རྩོད་པ་རྩོད་དུས།
འདོན་པ་བསྒྱུར་ན་དེ་འདྲ་རེད་ཟེར་བ་དེ་གཞུང་གི་དངོས་བསྟན་ཚིག་དེ་ལ་འདོན་པ་བསྒྱུར་ཏེ་དེ་འདྲ་ཟེར་རྒྱུ་ཡོད་པ་རེད།
ཅེས་པ་དེ་འདྲ་ཡང་ང་རང་ཚོའི་གཞུང་ཆེན་མོའི་ནང་ལ་ཡོང་གི་འདུག་གམ།
དེ་ལྟ་བུ་འདོན་པ་བསྒྱུར་བཞག་མེད་དམ་བསམ་གྱི་འདུག་མདོ་སྡེ་པདྨ་དཀར་པོའི་ནང་ལ་བྱང་ཕྱོགས་ཀྱི་རྒྱུད་དུ་དགེ་སྦྱོང་དགེ་བ་ཀུན་ཞེས་བྱ་བ་མཐུ་ཆེ་བ་བརྩོན་འགྲུས་ཆེ་བ་དེ་འདྲ་ཞིག་འབྱུང་གི་རེད་ཅེས་ལུང་བསྟན་ཡོད།
ལུང་དེ་ཡང་དེ་ག་རང་མིན་ནམ་སྙམ་པ་ཞིག་དང་།
མདོ་སྡེ་པདྨ་དཀར་པོ་དེ་ཡང་ཆེ་ཆུང་གཉིས་ཡོད་པ་འདྲ།
ན་ནིང་མཁན་རིན་པོ་ཆེའི་སྐུ་མདུན་ལ་རྫོང་གསར་བཤད་གྲྭ་དེའི་ནང་ལ་འགྱེད་པ་ཡིན་ས་རེད།
README.md exists but content is empty. Use the Edit dataset card button to edit it.
Downloads last month
41
Edit dataset card