text
stringlengths
1
88.7k
དེའི་རྗེས་སུ།
བླ་མ་དམ་པ།
མཐའ་མེད་སེམས་ཅན་ལ་གཟིགས་དང་།
ལ་སོགས་པའི་གསོལ་འདེབས་ཀྱི་ཚིག་དེ་ཚོ་དེ་མི་བསྐྱོད་རྡོ་རྗེ་རང་ཉིད་ཀྱིས་ལྗགས་རྩོམ་གནང་བཞག་པ་ཡིན་ས་རེད།
དེ་འདྲ་ཞིག་འདུག་ཡང་འདི་ལ་གཅིག་ཤོད་རྒྱུ་ཞིག་འདུག་ཀརྨ་ཆགས་མེད་ཀྱིས་ངོ་བོ་སྤྱན་རས་གཟིགས་དབང་དངོས་ཡིན་ཞིང་།
དེ་དང་སྦྲགས་ནས་བཤད་ན་ཡག་པོ་མེད་དམ་བསམ།
ངོ་བོ་སྤྱན་རས་གཟིགས་དབང་དངོས་ཡིན་ཞིང་།།
གུ་རུ་མཚན་བརྒྱད་ཞང་གི་སྐུ་བརྒྱད་དང་།།
ཀརྨ་རབས་བརྒྱད་ངོ་བོ་གཅིག་པར་བཤད།།
དེ་ཕྱིར་ཞང་གི་བཀའ་འབུམ་བཀའ་རྒྱ་ནས།།
བཏུས་ཤིང་ཅུང་ཟད་སྣོན་ཁ་བཏབ་ནས་ཀྱང་།།
མི་བསྐྱོད་རྡོ་རྗེས་ཐུན་བཞི་འདི་ཉིད་མཛད།།
ཅེས་པ་ལྟར།
ཀརྨ་པ་སྐུ་ཕྲེང་བརྒྱད་པའི་བར་ལ་ཀརྨ་རབས་བརྒྱད་ཟེར་བ་ཞིག་ཡོང་གི་ཡོད་པ་རེད།
བར་སྐབས་ཤིག་ལ་དེ་འདྲ་ཐུན་བཞིའི་བཀའ་འཁྲིད།
དེའི་ཕྱིན་ཆད་ཀ་རྫུན་རྐྱང་རྐྱང་རེད་ཟེར་བ་སོགས་བྱུང་བ་ཡིན་ས་རེད།
དེ་ལ་ཀརྨ་ཆགས་མེད་ཀྱིས་དགག་པ་ལྟ་བུ་ཅུང་ཙམ་བསྐྱོན་གནང་འདུག་དེ་མ་ཡིན་པ་ཀརྨ་པ་མི་བསྐྱོད་རྡོ་རྗེ་རང་ཉིད་ཀྱིས་དགུ་པ་དབང་ཕྱུག་རྡོ་རྗེའི་འདའ་ཁའི་ཞལ་ཆེམས་བཞག་སྟེ་ལུང་བསྟན་པ་རེད།
ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེས་ཀྱང་ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་འདའ་ཁའི་ཞལ་ཆེམས་བཞག་ནས་ལུང་བསྟན་ཡིན་པ་རེད།
དེ་འདྲ་ཡིན་དུས།
དེ་ཕྱིན་ཆད་ཀརྨ་པ་མ་ཡིན་པ་བསམ་བློ་བཏང་གི་འདུག་ཀརྨ་པ་སྐུ་ཕྲེང་བཅུ་གསུམ་བར་དུ་ལུང་བསྟན་ཡོད་པ་རེད་ཟེར་དུས་དེའི་ཕྱིན་ཆད་དེ་ཀརྨ་པ་མ་ཡིན་པ་མེད་དམ་བསམ་བསམ་དེ་འདྲ་དྲན་ཡོང་གི་འདུག་གམ།
ང་ཚོས་ཐག་གཅོད་ཐུབ་ཀྱི་མ་རེད་དམ།
ལུང་དང་ཚད་མའི་སྒྲུབ་བྱེད་མང་པོ་ཞིག་ལ་ལྟ་རྒྱུ་རེད་མ་གཏོགས་དེ་ག་ཙམ་བསམ་བློས་གང་དྲན་ལྟ་བུ་ཞིག་བྱས་ཏེ་ཐག་གཅོད་ཐུབ་རྒྱུ་ཞིག་མ་རེད་དམ།
དེ་བཞིན་དུ་ཞང་གི་བཀའ་རྒྱ་ལྟ་བུ་བླ་མ་ཞང་དེ་རྟོགས་པ་ཧ་ཅང་མཐོ་པོ་ཡིན་པ་རེད།
དེ་ཡིན་དུས་དེ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མས་གདམས་པ་གནང་བཞག་པ་དེ་ཚོ་ལ་ཞང་གི་བཀའ་རྒྱ་མ་ཟེར་བ་ཞིག་བྱུང་ཡིན་ས་རེད།
ཞང་གི་བཀའ་རྒྱ་མའི་ནང་ལ་བླ་མའི་རྣལ་འབྱོར་གྱི་ཚིག་མང་པོ་ཞིག་ཞང་གི་བཀའ་རྒྱ་མའི་ནང་ནས་ཚུར་ལེན་བཞག་པ་ཡིན་གསུངས་འདུག་དེ་ལ་ཀརྨ་པ་མི་བསྐྱོད་རྡོ་རྗེས་ཁ་སྣོན་ལྟ་བུ་བསྐྱོན་ནས།
འདི་ཡི་དམིགས་རིམ་དབང་ཕྱུག་རྡོ་རྗེ་ལ།།
ཡང་རི་དྲུང་པ་བསོད་ནམས་བཟང་པོ་ཡིས།།
ཞུས་ནས་མཛད་པའི་རྒྱས་པ་ཡོད་མོད་ཀྱང་།།
གཞུང་འདིའི་དམིགས་རིམ་ཁོ་ན་མ་ཡིན་ཞིང་།།
ཕྱག་ཆེན་ཆོས་དྲུག་མོས་གུས་ཕྱག་ཆེན་གསུམ།།
ཐུན་བཞིའི་བཀའ་འཁྲིད།
དོན་བསྡུས་དམིགས་རིམ་ཧ་ཅང་མང་དྲགས་ཤིང་།།
བར་སྐབས་འདོན་ཆ་གསབ་རྒྱུ་མང་བའི་ཕྱིར།།
དེ་ཉིད་འདོན་པའི་སྲོལ་ནི་མ་བྱུང་ངོ།།
ཞེས་པ་བཞིན།
ཡིན་ན་ཡང་དེ་རྒྱས་དྲགས་པ་ཡིན་དུས།
བླ་མ་སྐུ་བཞིའི་གསོལ་འདེབས་ཀྱང་ཟེར་གྱི་འདུག་མ་ནམ་བཞི་སྐོར་གསོལ་འདེབས་ཀྱང་ཟེར་གྱི་འདུག་གང་ལྟར་གསོལ་འདེབས་འདི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཚང་མ་ལ་ཡོངས་སུ་གྲགས་བསྡད་པ་ཕལ་ཆེར་རེད།
ཕྲན་བུ་ཕྲན་བུ་ཙམ་ཚིག་ལ་ཁྱད་པར་ཡོད་ས་རེད།
ཡིན་ན་ཡང་།
རྩ་བའི་ཆ་ནས་ཆ་ཚང་གཅིག་མཚུངས་བྱས།
གསོལ་འདེབས་མ་ནམ་བཞི་སྐོར་ཟེར་རྒྱུ་དེ་བླ་མའི་གསོལ་འདེབས་བྱིན་རླབས་ཆེན་པོ་དང་།
རྩ་ཆེན་པོ་བརྩི་ཡི་ཡོད་པ་རེད།
གཞུང་ཚིག་ཉིད་ཀྱི་བསྒོམ་བྱ་དེ་ལ།
ཐུན་བཞིའི་བཀའ་འཁྲིད།
ན་མོ་གུ་རུ།
སྤྱི་བོའི་གཙུག་ན་ཡེ་ཤེས་མཁའ་འགྲོ་མ།།
གཅེར་བུ་བྷ་ག་ནུ་མ་རབ་ཏུ་རྒྱས།།
སྐྲ་གྲོལ་སྤྱན་གསུམ་ནམ་མཁའི་མཐོངས་ལ་གཟིགས།།
བདེ་བ་མི་བཟོད་འགྱུར་བའི་གར་སྟབས་སྟོན།།
དེ་འདྲ་གྲངས་མེད་གཞལ་མེད་བུན་ལོང་ནང་།།
རྩ་བའི་བླ་མ་མི་བསྐྱོད་རྡོ་རྗེ་ནི།།
དགེ་སློང་ཆ་ལུགས་ཞྭ་ནག་གསེར་མདངས་ཅན།།
ཐབས་ཤེས་དབྱེར་མེད་རྡོ་རྗེ་དྲིལ་བུ་འཛིན།།
བདེ་སྟོང་དབྱེ་བ་མེད་པའི་ལྟ་སྟངས་མཛད།།
གསོལ་བ་བཏབ་པ་ཙམ་གྱིས་མོས་གུས་འབར།།
མོས་གུས་འབར་བ་ཙམ་གྱིས་བྱིན་རླབས་འུར།།
བྱིན་རླབས་འུར་བ་ཙམ་གྱིས་ཐུན་མོང་དང་།།
མཆོག་གི་དངོས་གྲུབ་ནོར་བུ་འབར་བ་བསྣམས།།
གནམ་ས་བླ་འོག་མེད་པར་ཆར་ལྟར་འབབ།།
ཐུན་བཞིའི་བཀའ་འཁྲིད།
ད་ནི་སྙིང་ནས་གསོལ་བ་འདེབས་པའི་དུས།།
ཅེས་གསུངས།
དེའི་སྐབས་ལ་ཀརྨ་ཆགས་མེད་ཀྱིས།
འདི་ཉིད་གཞུང་ཚིག་ཉིད་ཀྱི་བསྒོམ་བྱ་ནི།།
རང་ཉིད་ཐ་མལ་གནས་པ་སྤྱི་བོའི་ཐད།།
མཁའ་འགྲོ་གཅེར་བུ་མཛེས་ཤིང་ཡིད་དུ་འོང་།།
དབུ་སྐྲ་སིལ་བུ་སྤྱན་གསུམ་ནམ་མཁར་གཟིགས།།
སེང་ལྡེང་ཌཱ་རུ་བྷན་བདུད་རྩི་བསྣམས།།
རྒྱན་མེད་གཅེར་བུ་གཟི་མདངས་འོད་ཟེར་འབར།།
ཟག་མེད་བདེ་བ་ཆེན་པོས་དགྱེས་པའི་ཕྱིར།།
གར་སྟབས་རྣམ་འགྱུར་སྣ་ཚོགས་ཅི་ཡང་སྟོན།།
དཀར་མོ་སེར་མོ་དམར་མོ་ལྗང་མོ་དང་།།
སྔོན་མོ་ནག་མོ་ཁྲ་མོའི་སྐུ་མདོག་ཅན།།
དེ་འདྲ་གྲངས་མེད་བྱེ་བ་དུར་ཕྱུར་རྣམས།།
ནམ་མཁའ་བར་སྣང་གང་བར་རྡུལ་བཞིན་འཚུབས།།
དེ་དབུས་སྤྱི་གཙུག་ཐད་ཀྱི་ནམ་མཁའ་ལ།། ་་་་་
ཐུན་བཞིའི་བཀའ་འཁྲིད།
འཇའ་གུར་འོད་ཕུང་འཁྲིགས་པའི་གུར་ཁང་ན།།
པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ།།
མི་བསྐྱོད་རྡོ་རྗེ་ཆོས་དབྱིངས་རྡོ་རྗེ་སོགས།།
རང་གི་གང་མོས་རྒྱལ་བ་ཀརྨ་པ།།
ཆོས་གོས་ངུར་སྨྲིག་ཞྭ་ནག་གསེར་མདོངས་ཅན།།
ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ།།
ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས།།
སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསྒོམ།།
པ་བཞིན།
དེ་འདྲ་གསུངས་འདུག་ན་མོ་ཟེར་བ་དེ་བླ་མ་ལ་ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཟེར་བའི་དོན་དང་།
ཕྱག་འཚལ་ཟེར་རྒྱུ་དེ་ང་རང་ཚོས་དུས་རྒྱུན་དུ་གཙོ་བོ་གཅིག་ལུས་ཀྱིས་ཕྱག་འཚལ་བའམ་ལུས་ཀྱི་སྤྱོད་ལམ་བྱེད་པ་ལ་གཙོ་ཆེ་བ་གོ་གི་འདུག་ཡིན་ན་ཡང་ཕྱག་འཚལ་ཟེར་བ་དེ།
ན་མོ་ཟེར་བ་དེ་གུས་པའི་དོན་ལ་འཇུག་གི་ཡོད་པ་རེད།
དེ་འདྲ་ཡིན་དུས།
གུས་པ་ཟེར་བ་དེ་ཐུན་བཞིའི་བཀའ་འཁྲིད།
སེམས་ཀྱིས་ཀྱང་གུས་པ་བྱེད་ཆོག་གི་རེད།
ངག་གིས་ཀྱང་གུས་པ་བྱེད་ཆོག་གི་རེད།
ལུས་ཀྱིས་གུས་པ་བྱེད་ཆོག་གི་རེད།
དེས་ན་ལུས་ཁོ་ནས་ཕྱག་འཚལ་བ་དེ་ལ་མ་གོ་བར་ལུས་ངག་ཡིད་གསུམ་རྩེ་གཅིག་པའི་ཐོག་ནས་ཕྱག་འཚལ་བ་དེ་ལ་གོ་དགོས་ཀྱི་ཡོད་ས་རེད།
རང་གི་སྤྱི་གཙུག་མདུན་ཐད་ཀྱི་ནམ་མཁའ་ལ་ཟེར་ཡོང་དུས་མདུན་གྱི་ཐད་ཡར་མཐོ་མ་དྲགས་པ།
གལ་སྲིད་ཡར་མཐོ་དྲགས་པ་ཡིན་ན།
ག་དུས་ཡིན་ན་ཡང་མིག་དེ་བགྲད་ནས་ལྟ་དགོས་པ་ཆགས་ཀྱི་ཡོད་པ་རེད།
རླུང་གིས་རྩ་ཚ་པོ་ཆགས་ཀྱི་ཡོད་པ་རེད།
རྩའི་ནང་ལ་རླུང་དེ་འགྱུར་བ་འགྲོ་གི་ཡོད་དུས།