text
stringlengths 1
88.7k
|
---|
རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས།། ཡེ་ཤེས་མཁའ་འགྲོ་སྔོན་མོ་མཁའ་ལ་ཤར།། ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ།། |
སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས།། རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས།། ཐུན་བཞིའི་བཀའ་འཁྲིད། |
ཡེ་ཤེས་མཁའ་འགྲོ་ཁྲ་མོ་མཁའ་ལ་ཤར།། ནད་གདོན་དྲི་མའི་ཚོགས་རྣམས་འོད་ཀྱིས་བསལ།། སྡིག་སྒྲིབ་ཉེས་པ་རྒྱུད་དུ་འཁྲིས་པ་རྣམས།། |
རྣལ་འབྱོར་མ་དཔལ་མདུན་དུ་མཐོལ་ལོ་བཤགས།། ཞེས་གསུངས་པ་དེ་མཁའ་འགྲོ་མའི་གསོལ་འདེབས་རེད། ངོ་བོ་དེ་བྱ་གྲུབ་ཡེ་ཤེས་སོར་རྟོག་གི་ཡེ་ཤེས་དང་། |
དེ་བཞིན་མི་བསྐྱོད་རྡོ་རྗེའི་རིགས་ཞེས་བྱ་བ། ང་རང་ཚོ་མཐོང་བ་ཙམ་གྱིས་ཉོན་མོངས་དུག་ལྔའི་སྒྲིབ་པ་དང་ལྷག་པར་དུ་ཡང་བླ་མ་ལ་བརྟེན་པའི་ཐུན་བཞིའི་བཀའ་འཁྲིད། དམ་ཚིག་ཉམས་ཆག་གི་སྒྲིབ་པ་མ་ལུས་དག་སོང་སྙམ་པ་དེ་འདྲའི་མོས་པ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། |
བླ་མའི་བྱིན་རླབས་ཞུགས་མ་ཞུགས་ཟེར་བ་དེ་བླ་མའི་བྱིན་རླབས་ཞུགས་པར་བྱེད་པ་ལ། བླ་མ་ལ་དམ་ཚིག་ཉམས་ཆག་གིས་མ་གོས་པ་ཞིག་ཡོང་དགོས་ཀྱི་རེད། སློབ་མའི་དམ་ཚིག་ཉམས་ཆག་ཟེར་རྒྱུ་དེ་སྦྱང་བ་ལ་སྤྱིར་བཏང་གི་གཉེན་པོ་སྟོབས་བཞིའི་སྒོ་ནས་ཡོང་གི་ཡོད་པ་རེད་དེ། |
ཡིན་ན་ཡང་། དེང་སང་གསང་སྔགས་ལ་བརྟེན་ནས་དམ་ཚིག་ཉམས་ཆག་དེ་གསང་སྔགས་ཀྱི་ལམ་ལ་སློབ་ཅིང་། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་སྦྲང་བ་མ་གཏོགས་ལམ་གཞན་གྱིས་སྦྱང་མི་ཐུབ་པ་དེ་འདྲ་གསུངས་འདུག་དེ་འདྲ་ཡིན་དུས་གང་ལྟར། |
ཞིང་དེ་ལ་རྡོ་དང་ཚེར་མ་ལ་སོགས་པ་མི་མཐུན་པའི་ཉེར་འཚེ་ལྟ་བུ་གང་ཡོད་ན་ཡང་དེ་ཚོ་ཕར་བསལ་ནས། དེའི་རྗེས་སུ་མཁའ་འགྲོ་མ་གཞན་དག་དེ་ཚོ་ཚང་མ་གཙོ་བོ་ལ་བསྡུས། གཙོ་བོ་དེ་ཉིད་ཀྱང་རྡོ་རྗེ་ཕག་མོའི་རྣམ་པ་ལ་གསལ་འདེབས་དགོས་ཀྱི་ཡོད་རེད། |
དེ་ནས་གྲུ་མོ་ན་ཁ་ཊཱཾ་ག་ཡོད་པ། གཡས་དྲིལ་བུ་དང་། གཡོན་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། |
ཞབས་གཡས་བརྐྱང་གཡོན་བསྐུམ་གར་སྟབས་སུ་བཞུགས་པ། དེ་འདྲ་ཞིག་དགོས་ཀྱི་ཡོད་པ་རེད། དེ་བཞིན་སྐུ་མདོག་སྔོན་པོ། |
སྤྱན་གསུམ་པ། ཅུང་ཟད་ཁྲོ་བའམ་ཅུང་ཟད་འཛུམ་པའི་ཉམས་དང་ལྡན་པ་༑དབུ་སྐྲ་ཐོར་ཚུགས་ཟླ་ཞལ་རྡོ་རྗེས་མཚན་པ། སྟག་གི་ཤམ་ཐབས་དང་གླང་ཆེན་འཁོར་ལོ་གསོལ་བ། |
རུས་པའི་རྒྱན་དྲུག་གསོལ་བ་༑ཡེ་ཤེས་ཀྱི་མེ་འབར་བ། གང་ལྟར་ཆོས་འབྱུང་གི་ཕྱག་རྒྱ་མཛད་དེ། དེ་ཡི་ཆོས་འབྱུང་གི་དཀྱིལ་ནས་གཙུག་ཏོར་ཡར་ཐོན་བསྡད་པ་དེ་འདྲ་ཞིག་བསྒོམ་དགོས་ཀྱི་ཡོད་པ་རེད། |
གཡས་བརྐྱང་གཡོན་བསྐུམ་ཁ་ཊཱཾ་ཐོགས་མཛད་པ་དེ་འདྲ་ཞིག་བསྒོམ། དེ་ལ་རང་ཉིད་མཁའ་འགྲོ་མར་གསལ་བའི་དེ་ཉིད་ཀྱི་ཕྱག་གཡོན་གྱི་བདུད་རྩིས་གང་བ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་༑དེ་ནས་མཁའ་འགྲོའི་བུ་ག་ནས་འོད་ཟེར་འཕྲོས་ནས། རང་ཉིད་མཁའ་འགྲོར་གསལ་བའི་ཐུགས་ཀར་པད་ཉི་ཟླ་བའི་གདན་ལ་བཅོམ་ལྡན་འདས་བཞུགས་ཡོད་བསམ་པ་ལྟ་བུ་དེ་འདྲའི་མོས་པ་བྱེད་དགོས་ཀྱི་རེད། |
དངོས་གཞི་དམིགས་པ་བྱེད་པའི་སྐབས་ལ་རབ་བྱུང་ན། དེ་མ་ཡིན་ན་ཡང་། རླུང་བཟུང་ན་འགྲིག་གི་རེད། |
ཞི་བ་དང་། རྔུབ་པ་དང་། དེ་འདྲའི་རླུང་གི་སྦྱོར་བ་བཞི་པོ་དེ་ཚོ་ཁྱེད་རང་ཚོས་མཁྱེན་གྱི་ཡོད་ཀྱི་རེད། |
དེ་འདྲ་ཡིན་དུས། རླུང་གི་སྦྱོར་བ་བཞི་ཟེར་རྒྱུ་དེ་ཕྲན་ཙམ་ཉེན་ཁ་ཡོད་རེད་ཅེས་བརྗོད་ཀྱི་འདུག། དེ་ལས་བར་རླུང་བཟུང་ན་ཡང་ཡག་པོ་ཡོད་ས་རེད། |
བར་རླུང་བཟུང་སྟངས་ཪབ་འབྲིང་མཐའ་གསུམ་ཡོང་གི་མེད་དམ། དེའི་ནང་ལ་ཕྲན་བུ་ལུས་སྟོད་དེ་ཅུང་ཟད་ཉམས་པ་ལྟ་བུ་དེའི་ནང་ལ་རླུང་དེ་ཡོད་བསམ་པ་ལྟ་བུ་སེམས་ཀྱི་དམིགས་པ་དེ་ལ་ཡར་གཏད་པ་མ་གཏོགས་དེ་ལ་རླུང་དགག་རྒྱུ་ལ་སོགས་པ་དེ་འདྲ་དམིགས་བསལ་གྱི་དོན་གོ་བ་བྱས། དེ་ལ་བར་རླུང་བཟུང་ཟེར་སྲོལ་འདུག་གམ། |
དེ་འདྲ་ཡིན་དུས་ཉེན་ཁ་མེད་པ་ལེགས་ཤོས་དེ་ཡིན་ས་རེད། དེ་ནས་སྙིང་གའི་བདེ་མཆོག་ཧེ་རུ་ཀ་དེ་དཔྲལ་བར་ༀདཀར་པོ་དང་། མགྲིན་པར་ཨཱ་དམར་པོ། |
ཐུགས་ཀར་ཧཱུཾ་སྔོན་པོ། བྱས། དེ་བསྒོམས་ནས་དེའི་སྐབས་ལ་དྲན་པ་དེ་གང་ཡིན་ཞེ་ན། |
ནམ་མཁའ་གང་བའི་མི་བསྐྱོད་རྡོ་རྗེ་ཨཱཿ།། འོད་ཟེར་དགྱེས་པའི་རྡོ་རྗེ་དགའ་བ་ཧོཿ༔།། ཕོ་ཉ་འབར་བའི་དབྱངས་ཅན་ནུས་པ་ཧཱུཾ།། |
དྲི་མ་སེལ་བའི་ཕྲིན་ལས་དྲག་པོ་ༀ།། རྗེ་བཙུན་དམ་པ་སྐུ་བཞིའི་དབང་ཕྱུག། ཅི་མཛད་ཡེ་ཤེས་ཀྱི་རོལ་པར་འཆར་བ།། |
ཁྱབ་བདག་རྒྱལ་དབང་ཀརྨ་པ་ཆེན་པོ།། སངས་རྒྱས་བྱིན་རླབས་ཀྱི་རྒྱ་མཚོ་མཁྱེན་ནོ།། ཡོན་ཏན་གྱི་ཕུང་པོ་ཉེས་པ་ཀུན་ཟད།། |
སངས་རྒྱས་ཀྱི་སྙིང་པོ་བླ་མར་སྣང་བ།། ཐུགས་རྗེའི་དབང་པོ་མཆོག་གི་སྤྲུལ་སྐུ།། རྗེ་བཙུན་རྡོ་རྗེའི་དབྱངས་ཅན་མཁྱེན་ནོ།། |
ཐུན་བཞིའི་བཀའ་འཁྲིད། ནམ་གཞག་གཏན་གྱི་འདུན་མའི་རེ་ས།། སྐུ་བཞིའི་བདག་ཉིད་དྭགས་པོ་བཀའ་བརྒྱུད།། |
སྐལ་ལྡན་གྱི་སེམས་རྒྱུད་བྱིན་གྱིས་རློབ་པ།། འགྲན་ཟླ་དང་བྲལ་བའི་བརྒྱུད་པ་མཁྱེན་ནོ།། ཐ་མལ་གྱི་འཁྲུལ་པ་རང་གར་ཞིག་སྟེ།། |
ཆོས་དབྱིངས་དྲི་མེད་ཀྱི་རང་གཟུགས་གསལ་བ།། ཕྲིན་ལས་ཀྱི་མངའ་བདག་དུས་གསུམ་མཁྱེན་པ།། བརྩེ་བ་ཆེན་པོའི་བདག་ཉིད་མཁྱེན་ནོ།། |
སྙིགས་མའི་དུས་འདིར་སྣ་ཚོགས་ཚུལ་གྱིས།། སེམས་ཅན་འདུལ་མཛད་རྒྱལ་བའི་དབང་པོ།། རེ་ས་ལྟོས་ས་དང་བཅས་པ་ཡིན་པས།། |
དངོས་གྲུབ་ཀྱི་འབྱུང་ཁུངས་དམ་པ་མཁྱེན་ནོ།། རྗེ་རྒྱལ་བ་ཐམས་ཅད་གཅིག་ཏུ་བསྡུས་ནས།། སྐལ་ལྡན་སྨིན་པར་མཛད་པའི་ནུས་ཅན།། |
བདེ་བར་གཤེགས་པ་ཀརྨ་པའི་ཀཾ་ཚང་།། ཐུན་བཞིའི་བཀའ་འཁྲིད། སྒྲིབ་གཉིས་རྙོག་པ་དང་བྲལ་བ་མཁྱེན་ནོ།། |
རྗེ་ཕྲིན་ལས་བཞི་ལ་རང་དབང་ཐོབ་ནས།། ཡེ་ཤེས་གཏད་ཙམ་གྱིས་བྱིན་རླབས་འཕོ་བ།། སྒྲུབ་བརྒྱུད་གཅིག་བསྡུས་རྡོ་རྗེའི་དབྱངས་ཅན།། |
དཔལ་ལྡན་ཀརྨ་པ་ཆེན་པོ་མཁྱེན་ནོ།། རྡོ་རྗེ་འཆང་ཆེན་ཡོན་ཏན་བརྒྱད་ལྡན།། ཧེ་རུ་ཀ་དཔལ་ནི་ཡན་ལག་བདུན་ལྡན།། |
རྒྱལ་བའི་དབང་པོ་སངས་རྒྱས་འདུས་པའི་སྐུ།། རྗེ་རྒྱལ་བ་མི་བསྐྱོད་རྡོ་རྗེ་མཁྱེན་ནོ།། རྒྱལ་བ་གཅིག་བསྡུས་ཀརྨ་པ་མཁྱེན་ནོ།། |
སངས་རྒྱས་གཅིག་བསྡུས་ཀརྨ་པ་མཁྱེན་ནོ།། བདེ་གཤེགས་གཅིག་བསྡུས་ཀརྨ་པ་མཁྱེན་ནོ།། ཐམས་ཅད་མཁྱེན་པ་ཀརྨ་པ་མཁྱེན་ནོ།། |
ཀརྨ་པ་མཁྱེན་ནོ།། ཞེས་གྲངས་མེད་བརྗོད། ཐུན་བཞིའི་བཀའ་འཁྲིད། |
ཡིན་ན་ཡང་དགོས་པ་གང་ཡང་མི་འདུག་མ་གཞི་བྱས་པ་ཡིན་ན། ནམ་མཁའ་གང་བའི་མི་བསྐྱོད་རྡོ་རྗེ་ཨཱཿ་ཞེས་པ་དེ་དང་། དྲི་མ་སེལ་བའི་ཕྲིན་ལས་དྲག་པོ་ཨོཾ་ཟེར་རྒྱུའི་བར་དུ་ལན་གསུམ་འདོན་དགོས་ཀྱི་རེད། |
དེ་ལ་སྦས་དོན་གྱི་སྒོ་ནས་བཤད་རྒྱུ་ཞིག་དང་། མཐའ་དྲུག་ཚུལ་བཞིའི་སྒོ་ནས་བཤད་རྒྱུ་མང་པོ་ཡོད་ས་རེད། དེ་ཚོ་ང་རང་གིས་ཤེས་ཀྱི་མེད་མོད། |
བསྐྱེད་རིམ་གྱི་ཆ་གཙོ་བོར་སྟོན་མཁན་ཡིན་ན་རྩ་རླུང་ཐིག་ལེ་འཁོར་ལོ་བཞི་ལ་སོགས་པའི་རྩ་འཁོར་བཞི་ལ་སོགས་པ་དེ་འདྲ་བསྒོམ་ཆོག་གི་མེད་དམ། གང་ལྟར་སོ་སོ་སོ་སོའི་སྐབས་ལ་དེ་འདྲ་ཞིག་མོས་བྱས་ན་ཡང་འགྲིགས་པ་རེད། གཏོགས་ཡིན་གཅིག་མིན་གཅིག་དཔེ་ཆའི་ནང་ལ་བྲིས་པ་ཇི་བཞིན་དགོས་པ་ཞིག་གང་ཡང་ཡོད་མ་རེད། |
དེ་འདྲ་ཡིན་དུས། གང་ཡིན་ནའང་མིན་ནའང་སོ་སོ་ལ་སྣང་བ་བསྒྱུར་ཐུབ་པ་ཞིག་བྱུང་བ་ཡིན་ན། དེ་གལ་ཆེ་ཤོས་རེད། |
དེའི་སྐབས་ལ་ལྷག་པར་དུ་གདུང་ཤུགས་དྲག་པོ་བསྐྱེད་ནས་རྗེ་བཙུན་དམ་པ་ཟེར་རྒྱུ་དེ་ནས་མར་ཐམས་ཅད་མཁྱེན་པའི་བར་ཚར་གཅིག་འདོན། དེ་ནས་ཀརྨ་པ་མཁྱེན་ནོ་ཞེས་པ་བཟླས་ཏེ་༑བསྙེན་པ་གྲངས་དམིགས་བསལ་གང་ཡང་ཡོད་མ་རེད། དེའི་རྗེས་སུ། |
ཐུགས་རྗེ་གཅིག་བསྡུས་མཁྱེན་ནོ།། སངས་རྒྱས་གཅིག་བསྡུས་མཁྱེན་ནོ།། ཀུན་འདུས་ཆོས་རྗེ་མཁྱེན་ནོ།། |
མི་བསྐྱོད་རྡོ་རྗེ་ལ་གསོལ་བ་འདེབས་སོ།། ཆོས་གྲགས་རྒྱ་མཚོ་ལ་གསོལ་བ་འདེབས་སོ།། དྭགས་པོ་བཀའ་བརྒྱུད་ལ་གསོལ་བ་འདེབས་སོ།། |
ཀརྨ་ཀཾ་ཚང་ལ་གསོལ་བ་འདེབས་སོ།། ཐུན་བཞིའི་བཀའ་འཁྲིད། རྗེ་བཙུན་ཁྱེད་རང་ལྟ་བུར་ཤོག་ཅིག། |
འགྲོ་མགོན་ཁྱེད་རང་ལྟ་བུར་ཤོག་ཅིག། ཕ་གཅིག་ཐམས་ཅད་མཁྱེན་པ། སངས་རྒྱས་མཉན་པ་གྲུབ་ཐོབ་རྒྱལ་དབང་མི་བསྐྱོད་རྡོ་རྗེ། |
གསོལ་བ་ང་ཡིས་མི་འདེབས་སུ་ཡིས་འདེབས། ཐུགས་རྗེ་ཁྱེད་ཀྱིས་མི་གཟིགས་ན་སུ་ཡིས་གཟིགས། གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག། |
ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ་ཅིག། བྱིན་རླབས་ཁྱོད་ལ་མེད་ན་སུ་ལ་ཡོད།། བྱམས་པས་བདག་ལ་མི་སྐྱོང་ན་སུ་ལ་སྐྱོང་། སྐུ་དྲིན་ང་ཡིས་མི་གཞལ་ན་སུ་ཡིས་གཞལ།། ་་་་་་་་ ཐུན་བཞིའི་བཀའ་འཁྲིད། |
གདུལ་བྱ་ཁྱོད་ཀྱིས་མི་འདུལ་སུ་ཡིས་འདུལ།། ལས་ངན་ང་རྗེ་ལ་མི་རེ་ན་སུ་ལ་རེ། མཐུ་སྟོབས་ཅན་ཁྱོད་བདག་མི་སྐྱོབ་ན་སུ་ལ་སྐྱོབ། བདག་གི་གཏན་འདུན་སྐྱེ་བ་ཀུན་གྱི་སྐྱེལ་མ། ཐེ་ཚོམ་རྩད་ནས་ཟད་པའི་གཏན་ནོར།། |
བློ་གཏད་ལིང་སྐྱུར་ཐུབ་པའི་མགོན་པོ། སྲིད་མཚོ་གཏན་སྐེམས་སུ་གནས་པའི་སངས་རྒྱས། ཡོན་ཏན་གཞལ་བར་མི་ནུས་པའི་རྒྱ་མཚོ།། མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་མ་གཅིག། ཐུགས་རྗེ་གཏུགས་པ་མེད་པའི་གཏེར་ཆེན། |
སྙིགས་དུས་འགྲོ་བར་མི་དགོངས་ན་སུ་དགོངས། བརྩེ་བས་ད་ལྟ་མི་སྐྱོང་ན་ནམ་སྐྱོང་། དངོས་གྲུབ་དིང་སང་མི་སྩོལ་ན་ནམ་སྩོལ། ཐུགས་ཡིད་གཅིག་འདྲེས་སུ་ཐོང་ལ། འཁྲུལ་གྲོལ་མདུད་པ་ཤིག་དང་། |
ཐུན་བཞིའི་བཀའ་འཁྲིད། མཁའ་ཁྱབ་སྨིག་རྒྱུའི་འགྲོ་བ། ད་ལྟ་གཏན་གྲོལ་དུ་མཛོད་ཅིག། བླ་མ་དམ་པ། མཐའ་མེད་སེམས་ཅན་ལ་གཟིགས་དང་། |
གསོལ་བ་འདེབས་པོ་ལ་སྐྱོབས་དང་། མི་བཟད་གདུངས་པའི་དུས་འདིར། ཅི་བྱ་ཚང་རླག་སྐབས་ན། མྱ་ངན་འཇིགས་སྔངས་ཀྱི་དུས་སུ་གཟིགས་ཤིག། བླ་མ་རིན་པོ་ཆེ། |
དོན་གྱི་བརྒྱུད་པ་ཅན། བྱིན་རླབས་ཀྱི་འཕོ་བ་མཁན། རྟོགས་པའི་གདེང་ཚད་ཅན། མངོན་ཤེས་སྤྱན་དང་ལྡན་པ། རྫུ་འཕྲུལ་བཀོད་པ་བསྟན་ཏེ། |
བཟོད་མེད་བཀའ་དྲིན་སྩོལ་བ། སངས་རྒྱས་ལག་བཅངས་སུ་གཏོད་པ། ཐུན་བཞིའི་བཀའ་འཁྲིད། ཐ་མལ་སྣང་བ་བསྒྱུར་ཏེ། དག་པ་རབ་འབྱམས་སྟོན་པ། |
འཕགས་པ་འཇིག་རྟེན་དབང་ཕྱུག། སྙིང་ཁོང་རུས་པའི་གཏིང་ནས། གཅིག་ཐུབ་གསོལ་བ་འདེབས་སོ།། ཐུགས་རྗེས་འཛིན་པར་ཞུ་དང་། དངོས་གྲུབ་ཀྱི་ཚན་ཁ་ཅན། |
བཀའ་བརྒྱུད་རྩོད་པ་མེད་པ། དམུ་རྒོད་འདུལ་བར་ནུས་པའི།། འཕྲིན་ལས་འགྲན་ཟླ་དང་བྲལ་བ། རྫོགས་པའི་སངས་རྒྱས་དམ་པ། སྒོ་གསུམ་དགེ་རྩ་དང་བཅས་པ། |
མཐའ་མེད་སེམས་ཅན་དོན་དུ། ད་ལྟ་ཉིད་དུ་འབུལ་ལོ།། བརྩེ་བ་ཆེན་པོས་བཞེས་ཤིག། ཐུན་བཞིའི་བཀའ་འཁྲིད། བཞེས་ནས་འགྲོ་བ་ཀུན་གྱི། |
གཏན་སྐྱབས་ཐུབ་པའི་བླ་མ། རྗེ་བཙུན་ཁྱེད་རང་ལྟ་བུར། སྙིང་ནས་བྱིན་གྱིས་རློབས་ཤིག། ཅེས་པའི་སྐབས་དེ་ལ་སྙིང་གའི་ཀརྨ་པ་བདེ་མཆོག་གི་རྣམ་པར་གསལ་བཏབ་པ་དེ་འོད་དུ་ཞུ་ནས་ཀརྨ་དེ་ཡི་སྐུ་གསུང་ཐུགས་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་ནས་དབྱེར་མ་མཆིས་པའི་གོ་འཕང་ཐོབ་སོང་སྙམ་པ་ཞིག་དང་། རང་ཉིད་མཁའ་འགྲོ་མར་གསལ་བ་དེ་ཉིད་ཀྱང་འོད་དུ་ཞུ་ནས་དེ་ཡང་ནམ་མཁའ་ལ་འཇའ་ཚོན་ཡལ་བ་བཞིན་དུ་ཡལ་ནས་ཅི་ཡང་མི་སྙམ་པ་ཕྱག་རྒྱ་ཆེན་པོའི་ཉམས་ལེན་བྱེད་དགོས་ཀྱི་ཡོད། |
དེ་འདྲ་ཡིན་དུས། དེའི་སྐབས་ལ་ཐ་མལ་ཤེས་པའི་ངོ་བོ་ལྟ་བུ་བསྐྱངས་ཏེ། ཅུང་ཙམ་ཞིག་མཉམ་གཞག་ལྟ་བུ་བྱས་ན་ཡག་པོ་ཡོད་ཀྱི་རེད། དེའི་རྗེས་སུ། དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ།། |
ཅི་མཛད་ལེགས་པར་མཐོང་བར་བྱིན་གྱིས་རློབས་ཤིག། ཐུན་བཞིའི་བཀའ་འཁྲིད། ཅི་གསུང་ཚད་མར་འཛིན་པར་བྱིན་གྱིས་རློབས་ཤིག། ཐུགས་ཡིད་གཅིག་ཏུ་འདྲེ་བར་བྱིན་གྱིས་རློབས་ཤིག། སྐྱེ་བ་ནས་སྐྱེ་བ་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་དཔལ་ལྡན་བླ་མ་དམ་པ་དགྱེས་པའི་བྱ་བ་དང་མི་འབྲལ་བར་བྱིན་གྱིས་རློབས་ཤིག། |
མི་དགྱེས་པའི་བྱ་བ་རྣམ་པ་ཐམས་ཅད་དུ་མི་འབྱུང་བར་བྱིན་གྱིས་རློབས་ཤིག། སྐྱེ་བ་ནས་སྐྱེ་བ་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་བློ་གཏད་བླ་མ་ལ་བཅས་ནས་ཆོས་བཞིན་གྱི་བཀའ་སྩལ་གང་གནང་བ་དེ་ལག་ཐོག་ཏུ་ལེན་ནུས་པར་བྱིན་གྱིས་རློབས་ཤིག། ལྟོ་གོས་ཀྱི་ངོ་སྲུང་ཆོས་བརྒྱད་ཀྱི་འབྲེལ་ཐག་ཆོད་པར་བྱིན་གྱིས་རློབས་ཤིག། ཐུན་བཞིའི་བཀའ་འཁྲིད། སྙིང་ལ་རུས་པ་དུམ་བུ་ཪེ་ཡོད་པར་བྱིན་གྱིས་རློབས་ཤིག། |
མི་སྙིང་མཁྲེགས་པོ་ཡོད་པའམ་སྙིང་སྟོབས་ཆེན་པོ་ཡོད་མཁན་དེ་ཚོ་ལ་སྙིང་གི་དཀྱིལ་ལ་རུས་པ་ནང་བཞིན་མཁྲེགས་པོ་ཡོད་རེད་ཟེར་གྱི་འདུག་སྙིང་སྟོབས་ཆེན་པོ་ཡོད་པའི་སྐད་ཆ་རེད་འདུག་དེ་འདྲ་ཡིན་དུས། བླ་མ་དེ་འདྲ་ཉམས་ལེན་ཡག་པོ་ཡོད་མཁན་དང་། ཉམས་ལེན་ལ་བརྩོན་འགྲུས་ཆེན་པོ་བྱེད་མཁན་དེ་ཚོའི་ཐུགས་ལ་བཞག་རྒྱུ་དེ་འདྲ་ཡོང་གི་འདུག་དེ་འདྲ་ཡིན་དུས། རུས་པ་བཞུར་འགྲོ་གི་ཡོད་པ་རེད། དེ་བཞུར་གྱི་ཡོད་མ་རེད། |
དེ་འདྲ་ཡིན་དུས་སྙིང་ལ་རུས་པ་དུམ་བུ་རེ་ཡོད་པ་དེ་འདྲ་ཡིན་ས་རེད། དེ་ཡང་མཁྲེགས་པོ་ཡོད་མེད་གང་ཤེས། ངེས་པར་འཆི་བ་སྙིང་ནས་དྲན་པ་དང་།། མོས་གུས་རྣལ་མ་རྒྱུད་ལ་སྐྱེ་བ་ནས།། ཐུན་བཞིའི་བཀའ་འཁྲིད། |
ཞེན་ལོག་མཐའ་རུ་ཕྱིན་པའི་ངེས་འབྱུང་གིས།། མི་བསྐྱོད་དགའ་བའི་བྱིན་རླབས་འཇུག་གྱུར་ཅིག། སྐྱེ་བ་ཀུན་ཏུ་དཔལ་ལྡན་ཀརྨ་པ།། མི་བསྐྱོད་རྡོ་རྗེ་བླ་མར་བསྟེན་བྱས་ནས།། གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་ཀྱི།། |
བསྐྱེད་རྫོགས་ལམ་གྱི་ཟུང་འཇུག་སྐུ་འགྲུབ་ཤོག། སྐྱེ་བ་ཀུན་ཏུ་ཡོངས་འཛིན་དམ་པ་མཆོག། ཞྭ་ནག་ཅོད་པན་འཛིན་པ་ཁོ་ན་དང་།། ཡི་དམ་སྙིང་པོ་དཔལ་ལྡན་བདེ་བ་ཆེ།། འཁོར་ལོ་སྡོམ་པའི་རྗེས་སུ་འཛིན་གྱུར་ཅིག། |
ལམ་གྱི་སྙིང་པོ་མོས་གུས་ཕྱག་རྒྱ་ཆེ།། ཞེན་ལོག་ངོ་བོ་དཔལ་ལྡན་བླ་མའི་སྐུ།། ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཉིད།། རྣལ་འབྱོར་ལྡན་མ་གྲུབ་ཐོབ་སངས་རྒྱས་རྗེའི།། གོ་འཕང་བདེ་བླག་སེམས་ཅན་ཐམས་ཅད་ཀྱིས། |
ཐུན་བཞིའི་བཀའ་འཁྲིད། དགེ་ཚོགས་འབད་པ་དེ་ཡི་ཕྱིར་དུ་བསྔོ།། དཔལ་ལྡན་སངས་རྒྱས་མཉན་པ་ཡབ་སྲས་དང་།། སྐྱེ་དང་ཚེ་རབས་ཀུན་ཏུ་མི་འབྲལ་ཤོག། དེའི་བར་དུ་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་རེད། |
དེའི་སྐབས་ལ་ལྷག་པར་དུ་སྐྱེ་བ་ཀུན་ཏུ་ཡོངས་འཛིན་དམ་པ་མཆོག་ཟེར་རྒྱུ་དེ་གང་བཤད་ཀྱི་ཡོད་པ་རེད་ཅེ་ན། གཅིག་དེ་མི་ནས་མི་རུ་སྐྱེ་ན་ཡང་སངས་རྒྱས་སྟོང་གི་བསྟན་པ་མ་རྫོགས་ཀྱི་བར་དུ་ཀརྨ་པའི་སྤྲུལ་པ་མི་རྫོགས་པ་དེ་འདྲའི་ལུང་བསྟན་གྱི་ཡོད་པ་ཡིན་དུས། དེ་ལྟར་མ་ཡིན་པ་བདེ་བ་ཅན་སྐྱེ་བར་འདོད་པ་ཡིན་ན། ཀརྨ་པ་སྤྱན་རས་གཟིགས་དངོས་རེད། དེ་འདྲ་ཡིན་དུས། |
སྤྱན་རས་གཟིགས་དངོས་སུ་འོད་དཔག་མེད་ཀྱི་ཚུལ་དུ་བཞུགས་ཡོད་རེད། དེ་འདྲ་ཡིན་དུས་དེ་ཉིད་ཀྱི་རྣམ་པར་ཐུན་བཞིའི་བཀའ་འཁྲིད། བསྟེན་པའི་སྨོན་ལམ་ཡིན། སངས་རྒྱས་འོད་དཔག་མེད་ཀྱི་བདེ་ཆེན་ཞིང་ལ་སྐྱེ་བར་འདོད་མཁན་ཧ་ཅང་མང་པོ་ཡོད་པ་རེད། དེ་འདྲ་ཡིན་དུས་བདེ་ཆེན་ཞིང་ལ་སྐྱེ་བའི་རྒྱུ་བཞི་ལ་སོགས་པ་གསོག་དགོས་ཀྱི་ཡོད་པ་རེད། |
ཡིན་ན་ཡང་མང་པོ་ཞིག་ཡོད་པ། དེའི་ནང་ནས་གལ་ཆེ་བ་ཞིག་སངས་རྒྱས་འོད་དཔག་མེད་ཀྱི་སྒོ་ནས་ཉམས་ལེན་བྱེད་རྒྱུ་དེ་ཚོ་གལ་ཆེན་པོ་ཆགས་ཡོད་པ་རེད། རྟེན་འབྲེལ་གྱི་གནད་གཅིག་ལ་གཅིག་བྱས་ན་དེ་འདྲ་ཡོང་གི་མེད་དམ་བསམ་པ་ལྟ་བུ་ཞིག་སངས་རྒྱས་འོད་དཔག་མེད་ཀྱི་ཉམས་ལེན་བྱས། དེ་ཉམས་ལེན་བྱས་པ་དེ་ལས་ཕྱག་ན་རྡོ་རྗེ་དང་། མཐུ་ཆེན་ཐོབ་དང་། |
སྤྱན་རས་གཟིགས་དེ་ཚོ་ཉམས་ལེན་བྱས་ན། ཅུང་ཟད་ཉམས་ལེན་མྱུར་བ་དེ་འདྲ་ཡོང་གི་མེད་དམ་སྙམ་པ་ལྟ་བུ་ང་རང་གིས་དྲན་པ་རེད། ང་རང་གིས་ཐ་མལ་བའི་བསམ་བློ་བཏང་བ་རེད། དཔེར་ན། ལམ་སེང་རྒྱལ་པོ་ལ་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག་པར། |
རྒྱལ་པོའི་བློན་པོ་གལ་ཆེ་བ་དང་། སྔོན་ལ་དེ་ཚོ་དང་ཐུན་བཞིའི་བཀའ་འཁྲིད། བཅར་ས་འདུག་མི་འདུག་ལྟ་དགོས་ཀྱི་འདུག་དེ་འདྲ་ཡིན་དུས། སངས་རྒྱས་ཀྱི་གཉེར་པ་ཟེར་ན་ཡང་འདྲ་འདུག་དེ་སྤྱན་རས་གཟིགས་ཡིན་པ་རེད། སྔོན་མ་ནང་ཆེན་ལ་བླ་མ་ཟོབ་རྫུན་ཤོད་མཁན་ཞིག་ཡོད་པ་རེད། |
ཁོ་པས་བདེ་བ་ཅན་གྱི་ཞིང་ཁམས་ལ་སླེབས་སོང་། ཁོ་དེར་སླེབས་དུས། སངས་རྒྱས་འོད་དཔག་མེད་གང་གནང་གི་འདུག་ཅེ་ན། སངས་རྒྱས་འོད་དཔག་མེད་གཟིམས་ནས་བཞུགས་འདུག་ཁོང་གཟིམས་བཞུགས་ས་ལ་རྗེ་བཙུན་སྒྲོལ་མ་མར་ཕེབས་ནས། ཨ་ཕོ། |
སྤྲུལ་སྐུ་འགྲོ་བ་འདྲེན་དུ་ཕེབས་དགོས་ཀྱི་འདུག་ཨ་ཕོ་རིལ་རིལ་བཞེངས་དགོས་ས་ཞེས་བརྗོད་ཀྱི་འདུག་པས། ཁོང་འདར་གསིག་གསིག་བྱས་ནས་ཡར་བཞེངས་ཀྱི་འདུག་སྤྱན་རས་གཟིགས་ཁོང་གཉེཪ་པ་རེད་འདུག་ཕྱག་ན་རྡོ་རྗེ་གསོལ་ཇ་སྐོལ་མཁན་རེད་འདུག་ཐབ་ཚང་ལ་ལས་ཀ་ལས་གསོལ་ཇ་སྐོལ་དུས་ཙ་ན་༑ཕྱག་ན་རྡོ་རྗེ་སྐུ་མདོག་ནག་པོ་ཆགས་དགོས་པ་དེ། རྩམ་པ་བཟོས་པ་ཡིན་ཙང་། གང་ལྟར་གཉེར་པ་ཟེར་ན་ཡང་འདྲ་འདུག་ཇ་མ་ཟེར་ན་ཡང་འདྲ་འདུག་གང་ལྟར་སངས་རྒྱས་འོད་དཔག་མེད་ཀྱི་ཉེ་གནས་ཀྱི་གཙོ་བོ་མཐུ་ཆེན་ཐོབ་དང་སྤྱན་རས་གཟིགས་གཉིས་ཡིན་པ་རེད། དེས་ན་དེ་ཉིད་བླ་མ་ལ་བསྟེན་པ་ཡིན་ན། |
བདེ་བ་ཅན་གྱི་ཞིང་ཁམས་ལ་སྐྱེས་ནས། སངས་རྒྱས་འོད་དཔག་མེད་ཞལ་མཇལ་བ་ལ་ཉེ་བ་ཞིག་ཕལ་ཆེར་ཡོང་གི་མེད་དམ་བསམ་བསམ་དེ་འདྲ་དྲན་གྱི་འདུག་དེའི་རྗེས་སུ། མཉམ་མེད་དྭགས་པོ་བཀའ་བརྒྱུད་ལ་གསོལ་བ་འདེབས་སོ།། མི་མཆོག་དུས་གསུམ་མཁྱེན་པ་ལ་གསོལ་༴ སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་༴ |
ཐུགས་རྗེ་ཅན་རང་བྱུང་ཀུན་མཁྱེན་ལ་༴ ནུས་པ་ཅན་སངས་རྒྱས་མཉན་པ་ལ་༴ བྱིན་རླབས་ཅན་དགའ་བའི་དབྱངས་ཅན་ལ་༴ རྗེ་བཙུན་རྡོ་རྗེ་དབྱངས་ཅན་ལ་༴ ཐུན་བཞིའི་བཀའ་འཁྲིད། |
མཚུངས་མེད་རྡོ་རྗེ་དགའ་བ་ལ་༴ ཟླ་མེད་དབྱངས་ཅན་བཟང་པོ་ལ་༴ འགྲན་མེད་མི་བསྐྱོད་བཟང་པོ་ལ་༴ མཁྱེན་རབ་མཚུངས་མེད་ལ་༴ ཐུགས་རྗེ་མཚུངས་མེད་ལ་༴ |
ནུས་པ་མཚུངས་མེད་ལ་༴ འཆི་བ་སྙིང་ནས་གཟེར་བར་བྱིན་གྱིས་རློབས་ཤིག། ཞེན་པ་གཏིང་ནས་ལོག་པར་༴ ཅིས་ཀྱང་དགོས་མེད་རྟོགས་པར་༴ མི་རྟག་ངེས་ཤེས་སྐྱེ་བར་བྱིན་༴ |
ཉེ་རིང་མེད་པའི་ཐུགས་རྗེ་ཅན་ལ་གསོལ་༴ ཕྱོགས་ལྷུང་མེད་པའི་ཕྲིན་ལས་ཅན་ལ་གསོལ་༴ སྔ་ཕྱི་མེད་པའི་བྱིན་རླབས་ཅན་ལ་༴ མཐོང་ཐོས་དོན་ལྡན་གྱི་མཛད་པ་ཅན་ལ་༴ ཐུན་བཞིའི་བཀའ་འཁྲིད། |
ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་ལ་༴ རྒྱལ་དབང་དཀོན་མཆོག་ཡན་ལག་ལ་༴ རྗེ་བཙུན་དབང་ཕྱུག་རྡོ་རྗེ་ལ་༴ གར་དབང་ཆོས་ཀྱི་དབང་ཕྱུག་ལ་༴ རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ་ལ་༴ |
དཔལ་ལྡན་ཡེ་ཤེས་སྙིང་པོ་ལ་༴ མཚུངས་མེད་ཡེ་ཤེས་རྡོ་རྗེ་ལ་༴ དཔལ་ཆེན་ཆོས་ཀྱི་དོན་གྲུབ་ལ་༴ རྒྱལ་དབང་བྱང་ཆུབ་རྡོ་རྗེ་ལ་༴ སི་ཏུ་ཆོས་ཀྱི་འབྱུང་གནས་ལ་༴ |
རྗེ་བཙུན་བདུད་འདུལ་རྡོ་རྗེ་ལ་༴ མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ་པདྨ་ཉིན་བྱེད་དབང་པོ་ལ་༴ རྒྱལ་དབང་ཐེག་མཆོག་རྡོ་རྗེ་ལ་༴ རྗེ་བཙུན་བློ་གྲོས་མཐའ་ཡས་ལ་༴ ཐུན་བཞིའི་བཀའ་འཁྲིད། |
ཀུན་བཟང་མཁའ་ཁྱབ་རྡོ་རྗེ་ལ་པདྨ་དབང་མཆོག་རྒྱལ་པོ་ལ་༴ དཔལ་ལྡན་མཁྱེན་བརྩེ་འོད་ཟེར་ལ་༴ རང་བྱུང་རིག་པའི་རྡོ་རྗེ་ལ་༴ དྲིན་ཆེན་རྩ་བའི་བླ་མ་ལ་༴ ཞིང་ཁམས་སྤྲུལ་པས་ཁྱབ་པ་ལ་༴ |
རབ་འབྱམས་ཞིང་གི་བདག་པོ་ལ་༴ བསམ་བརྗོད་རེ་བ་ལས་འདས་པ་ལ་གསོལ་བ་འདེབས་སོ།། ཞེས་བྱ་བ་འདི་ནི་འབྲེལ་བ་ཐོགས་ཆོག་མའི་གསོལ་འདེབས་སུ་གྲགས་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་ཆུད་པའི་རྣ་ལམ་དུ་ལན་ཅིངབསྒྲགས་ཀྱང་ངན་སོང་གི་སྐྱེ་སྒོ་དུ་མ་ཆོད་ནས། མཐར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན་རྗེ་བཙུན་རྡོ་རྗེའི་དབྱངས་ཅན་དེ་ཐུན་བཞིའི་བཀའ་འཁྲིད། ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤིན་ཏུ་དཀར་བའི་འོད་ཟེར་གྱི་ཕྱག་རིང་པོ་བརྐྱངས་ནས། |
སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་ལ་འདྲེན་པར་ཞལ་གྱིས་བཞེས་པ་ཡིན་ནོ།། མི་འཇིགས་པའི་དབུགས་ཆེན་པོ་འབྱིན་པའི་ཆོས་རྗེ་སྟོབས་པོ་ཆེ་བ་གསོལ་བ་འདེབས་སོ། དེའི་རྗེས་སུ། མི་འཇིགས་པའི་དབུགས་ཆེན་པོ་འབྱིན་པའི་ཆོས་རྗེ་སྟོབས་པོ་ཆེ་ལ་གསོལ་བ་འདེབས་སོ།། ཞེས་པ་ནན་ཏན་བྱས་ནས་ཚར་གསུམ་གསོལ་བ་འདེབས་དགོས་ཀྱི་ཡོད་པ་རེད། |
ཞེས་འདོན་པ་དེ་གསོལ་འདེབས་ཤིག་ཡིན་པ་རེད། མི་འཇིགས་པའི་དབུགས་ཆེན་པོ་འབྱིན་པའི་ཆོས་རྗེ་སྟོབས་པོ་ཆེ་ལ་ཟེར་བ་དེ་ཐུན་བཞིའི་བཀའ་འཁྲིད། གང་རེད་ཅེ་ན། སེམས་ཅན་ཐམས་ཅད་འཁོར་བ་སྤྱི་བྱེ་བྲག་ཟེར་དགོས་མ་རེད་དམ། ལྷག་པར་དུ་ཉན་ཐོས་ཀྱི་འཇིགས་པ་དང་། |
སྡུག་བསྔལ་གྱིས་མནར་བ་དེ་ལ་རྒྱལ་དབང་ཀརྨ་པ་ཟེར་ན་ཡང་འདྲ་འདུག་ལྷག་པར་དུ་རྒྱལ་དབང་མི་བསྐྱོད་རྡོ་རྗེ་ཁོང་ཉིད་ཀྱིས་ཚད་མེད་པའི་ཐུགས་རྗེ་ཕྲིན་ལས་ལ་བརྟེན་ནས། ལམ་མ་རྙེད་པ་དེ་ཚོ་ངན་འགྲོའི་སྡུག་བསྔལ་ལས་སྐྱོབ། ལམ་ལོག་པ་མུ་སྟེགས་པའི་སྡུག་བསྔལ་ལས་སྐྱོབ། ལམ་དམན་པ་ཉན་རང་གྱི་སྡུག་བསྔལ་ལས་བསྐྱབས་ནས་ཐེག་པ་ཆེན་པོའི་ལམ་ལ་བཞག་བླ་མེད་རྫོགས་བྱང་གི་གོ་འཕང་ལ་བཀོད་དེ། ཡང་དག་པའི་ས་ལ་བཀོད་ནས། |
བདག་གཞན་སེམས་ཅན་ཐམས་ཅད་མི་འཇིགས་པའི་དབུགས་ཆེན་པོ་ཞིག་བཏང་ཐུབ་པ་ཡུན་རིང་པོ་ཞིག་ལ་དབུགས་ཟད་བསྡད་པ་དེ། བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པ་དེ་འདྲ་ཞིག་ལ་གསོལ་བ་འདེབས་པ་ཡིན་ཟེར་བ་ཞིག་ཐུན་བཞིའི་བཀའ་འཁྲིད། རྒྱལ་དབང་མཁའ་ཁྱབ་རྡོ་རྗེས་དེ་འདྲ་ཞིག་གསུངས་འདུག་གསང་མཚན་ལ་སོགས་པ་གང་ལ་ཡང་གོ་རྒྱུ་མིན་ཀརྨ་པ་ལ་གསོལ་བ་འདེབས་པའི་ཚིག་ཅིག་ཡིན་གསུངས་འདུག་དེའི་རྗེས་སུ། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་།། |
སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་པའི།། དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།། སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།། |
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། |
ཐུན་བཞིའི་བཀའ་འཁྲིད། དེའི་རྗེས་ལ་ཀརྨ་ཆགས་མེད་ཀྱིས་ཐུན་བཞིའི་སྐོར་ལ་སྔོན་མའི་ལོ་རྒྱུས་ལྟ་བུ་གསུངས་བཞག་དེ་ཧ་ཅང་ཡག་པོ་འདུག་དེ་ཡང་། ཐུན་བཞི་འདི་ཉིད་བླ་སྒྲུབ་མཆོག་ཡིན་ཏེ།། རྫོགས་རིམ་བསྐལ་པ་དུ་མའི་བར་དག་ཏུ།། འདུ་འཛི་རྣམ་གཡེང་སྤངས་ནས་བསྒོམ་པ་དང་།། |
ཡི་དམ་དཀྱིལ་འཁོར་བྱེ་བ་བསྒོམ་པ་བས།། བླ་མ་ལན་གཅིག་བསྒོམ་པ་ལྷག་པ་དང་།། ཡི་དམ་བསྙེན་སྒྲུབ་བྱེ་བ་ས་ཡ་ལས།། བླ་མའི་གསོལ་འདེབས་ལན་གཅིག་ལྷག་པའི་ཚུལ།། གསང་སྔགས་རྒྱུད་སྡེ་རྣམས་ལས་གསུངས་པའི་ཕྱིར།། |
ཞེས་གསུངས་པ་བཞིན། དེ་གལ་ཆེན་པོ་ཆགས་ཡོད་པ་རེད། དཔེར་ན། ང་རང་ཚོས་དཔེ་མཚོན་པ་ཡིན་ན། ནམ་མཁའི་ཉི་མ་དེ་ཁོ་རང་ལ་དྲོད་ཧ་ཅང་ཡོད་པ་རེད། |
ཡོད་བསྡད་པ་དེའི་འོད་དེ་འཛམ་བུ་གླིང་ལ་ཁྱབ་ཡོད་ཅིང་། ཡིན་ན་ཡང་ནམ་མཁའ་ཤིན་ཏུ་ཚ་བའི་འོད་གཅིག་པུས་འཛམ་བུ་གླིང་ལ་ཡོད་པའི་དངོས་པོ་དེ་བསྲེག་ཐུབ་ཀྱི་མ་རེད། ང་རང་ཚོས་མེ་འཕྲུལ་ལྟ་བུ་ཞིག་སྤར་དགོས་ཀྱི་ཡོད་པ་རེད། ཡིན་ན་ཡང་ནམ་མཁའི་ཉི་མ་ཙམ་ལ་བརྟེན་ནས་ས་གཞིའི་སྟེང་གི་བུད་ཤིང་ལ་སོགས་པ་མེ་འབར་བར་བྱེད་ཐུབ་ཀྱི་མ་རེད། འོ་ན་གང་འདྲ་བྱེད་དགོས་རེད་ཅེ་ན། |
ཉི་མའི་འོད་དང་མེ་ཤེལ་གཉིས་ལྷན་དུ་འགྲོགས་དུས། བུད་ཤིང་དེ་ཚོ་མེ་འབར་བར་བྱེད་ཐུབ་ཀྱི་རེད། དེ་བཞིན་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་། དག་པའི་ས་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཐུགས་རྗེའི་ནུས་པ་བསམ་གྱིས་མི་ཁྱབ་པ་ཡོད་པ་རེད་དེ། |
ཡིན་ན་ཡང་། ང་རང་ཚོ་ལས་དང་པོ་པའི་གང་ཟག་སྒྲིབ་པ་ཤིན་ཏུ་མཐུག་པོ་དག་གིས་ལམ་སེང་བསྟེན་ཐུབ་ཀྱི་མ་རེད། རེད། དེ་ལེན་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་དུས་ཡིན་གཅིག་མིན་གཅིག་སོ་སོའི་སྐྱེ་བོའི་བླ་མ་དགེ་བའི་བཤེས་གཉེན་བསྟེན་དགོས་ཀྱི་རེད། |
རང་ཉིད་ཀྱི་ཐར་འདོད་ཀྱི་དད་པ་ཡང་དག་པ་ཞིག་གིས་སོ་སོའི་སྐྱེ་བོའི་དགེ་བའི་བཤེས་གཉེན་གཅིག་ལ་དད་པ་བྱས་པ་ཡིན་ན། དེ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བྱིནརླབས་འཇུག་གི་རེད། དེ་ལ་བྱིན་རླབས་འཇུག་དགོས་པ་རྒྱུ་མཚན་གང་ཡིན་ཞེ་ན། གཟིགས་ཀྱི་ཡོད་པ་ཡིན་དུས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དེའི་བརྒྱུད་ནས་ང་རང་ཚོ་ལ་ཐུན་བཞིའི་བཀའ་འཁྲིད། |
ཐུགས་རྗེ་ཕྲིན་ལས་ཀྱི་ནུས་པ་དེ་ཚོ་རིམ་བཞིན་བྱས་ནས་འཇུག་ཐུབ་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས། བླ་མའི་ཡོན་ཏན་དྲན་པ་དང་། བླ་མའི་རྣལ་འབྱོར་ཉམས་ལེན་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད་པ་རེད། དཀྱིལ་འཁོར་བྱེ་བ་མང་པོ་བསྒྲུབས་པ་ལས་བླ་མ་བསྒྲུབས་པ་གལ་ཆེ་བ་ཡིན་གསུངས་འདུག་དེ་འདྲ་གསུངས་དགོས་པའི་རྒྱུ་མཚན་དེ་འདྲ་མེད་དམ་བསམ་གྱི་འདུག་ཀརྨ་ཆགས་མེད་ཀྱི་གསུང་ནང་ལ། |
ཡང་ཟུར་གྲྭ་གསུམ་སྒོམ་གྲྭ་ལ་སོགས་སུ།། ཉིན་གསུམ་མཚན་གསུམ་འདི་ལ་ཐུན་བཟུང་སྟེ།། སྲོད་དང་ཐོ་རངས་ནམ་ཕྱེད་ལན་གསུམ་དུ།། འཁར་རྔ་བཏང་རྗེས་ཆོས་ཁྲིམས་པ་དེ་ཡིས།། སྒར་པ་བསྐོར་ནས་ཅོག་བུ་ཐམས་ཅད་ཉུལ།། |
ཐུན་བཞིའི་བཀའ་འཁྲིད། མ་བཏོན་གཉིད་ནས་བསྡད་ན་ཆད་པ་ཡོད།། ཀཾ་ཚང་ཉམས་ལེན་གཙོ་བོ་འདི་རང་ཡིན།། འདི་ལྟར་གསོལ་བ་འདེབས་པར་བྱེད་པའི་ཡུལ།། གསོལ་བ་ཁྱི་བཏབ་ཕག་བཏབ་འཚང་མི་རྒྱ།། |
བླ་མ་ཡིན་པར་བླ་མར་མ་བཅོས་པ།། བླ་མ་ཡིན་ལ་བླ་མར་བྱོན་པ་ཡིན།། སངས་རྒྱས་མཉན་པ་འདྲ་ཞིག་དགོས་ཞེས་གསུངས།། ཞེས་གསུངས་པ་ལྟར། དེ་བཞིན་ཀརྨ་གྲྭ་བཟང་ལ་སོགས་པས་ཉིན་ལན་གསུམ་དང་མཚན་ལན་གསུམ་སྒོམ་སྲོལ་དེ་འདྲ་ཡོད་པ་རེད་འདུག་དེང་སང་དམིགས་བསལ་དེ་འདྲའི་ཕྱག་ལེན་མཛད་མཁན་ཡོད་མ་རེད། |
ཁ་ཤས་སོ་སོས་དོ་སྣང་བྱས་ཏེ་ཉམས་ལེན་བྱེད་མཁན་དེ་འདྲ་ཡོང་གི་འདུག་གང་ལྟར་སྔོན་མ་ཡིན་ན་ཆོས་ཁྲིམས་པས་སྐོར་བ་བརྒྱབ་བྱས། མ་སྡོད་ཉལ་ནས་སྡོད་ན་ཆད་པ་ཡིན། དེ་འདྲ་གསུངས་བཞག་ཆད་པ་ཟེར་རྒྱུ་དེ་སྔོན་མ་དབྱུག་པ་གཞུ་རྒྱུའི་ཐུན་བཞིའི་བཀའ་འཁྲིད། སྐད་ཆ་ཞིག་རེད་མི་འདུག་ཀརྨ་པ་མི་བསྐྱོད་རྡོ་རྗེའི་བཅའ་ཡིག་དེ་ཚོའི་ནང་ལ་དབྱུག་པས་བསྣུན་ཞེས་པའི་གླེང་ཚུལ་དེ་འདྲ་གང་ཡང་མི་འདུག་ཕྱག་འཚལ་བ་དང་། མཆོད་འབུལ་བྱེད་པ་དེ་འདྲ་རེད་འདུགདེ་བཞིན་གསོལ་བ་འདེབས་པའི་ཡུལ་ལ་གསོལ་བ་ཁྱི་བཏབ་ཕག་བཏབ་འཚང་མི་རྒྱ་གསུངས་པ་བཞིན་བླ་མ་ཞེ་སྡང་ཅན་ཞིག་ལ་གསོལ་བ་འདེབས་ན་རང་ལ་ཞེ་སྡང་གི་སྣང་བ་ཁྲིག་གེར་འཇུག་པ་ཡིན་ནོ།། |
Subsets and Splits